གཙུག་ན་དགོན་ནི་འཛམ་ཐང་རྫོང་བུག་རྗེ་ཡུལ་ཚོ་རུ་བླ་མ་འཇིགས་མེད་འོད་ཟེར་ནས་སྤྱི་ལོ་༡༩༥༩ལོར་ཕྱག་བཏབ་པ་དང་།ཆོས་རྒྱུད་བཀའ་བརྒྱུད་པ་ཡིན།
དགོན་འདི་ལ་སྲས་མཁར་དགོན་ཡང་ཟེར།ཀརྨ་བཀའ་རྒྱུད་པའི་ཕྱག་སྲོལ་འཛིན་པའི་དགོན་སྡེ་འདིར་གྲྭ་གྲངས་༡༠༠ལྷག་བཞུགས།དཔལ་སྤུངས་དགོན་དང་གནས་ནང་དགོན། སྟོད་ལུང་། མཚུར་ཕུ། རྟག་བརྟན་དགོན་བཅས་ལ་དགོན་མ་ལག་གི་འབྲེལ་བ་ཡོད། ལྷ་སྡེ་མཚོ་སྔོན་ཕྱོགས་དང་། དཀར་མཛེས། གསེར་རྟ། རྔ་ཁོག ཉག་རོང་བཅས་སུ་ཡོད་ཟེར་བ་ཙམ་ལས་ངེས་བཟུང་མི་འདུག རིག་གསར་སྐབས་རྒྱས་བཅོམ། སྤྱི་ལོ༡༩༨༣ལོ་ནས་ཡུལ་མིས་དང་བླང་གིས་བསྐྱར་བཞེངས་བྱས་པ་བཅས་སོ།