གསེར་ཏོག་དགོན།

གསེར་ཏོག་དགོན་ནི་རི་ཁྲོད་པ་བསྟན་འཛིན་མཆོག་ནས་སྐུ་འབུམ་ཚོ་དྲུག་ཁོངས་སུ་ཕྱག་བཏབས་ཤིང་།ཆོས་རྒྱུད་དགེ་ལུགས་པ་ཡིན།

འདིའི་དགོན་མིང་ཆ་ཚང་ལ་མཁས་བཙུན་དར་རྒྱས་གླིང་ཟེར།ཐོག་མར་རི་ཁྲོད་པ་བསྟན་འཛིན་བྱ་བས་བཏབ་ཅིང་།ཕྱིས་གསེར་ཏོག་སྐུ་ཕྲེང་དང་བོ་ངག་དབང་འཕྲིན་ལས་རྒྱ་མཚོས་ལྷ་སའི་ར་མོ་ཆེའི་གསེར་ཏོག་བཞེངས་པས།གཞུང་ས་ནས་གསེར་ཏོག་ཏའི་ཆིང་ཞེས་པའི་ཆོ་ལོ་བསྩལ་ཅིང་།དེ་ལ་བརྟེན་ནས་སྐུ་ཕྲེང་ཕྱི་མ་རྣམས་ལ་གསེར་ཏོག་ཐོགས་པ་ཡིན།

དེའི་སྐྱེ་རྒྱུད་ཧན་སྟག་ལུང་བ་བློ་བཟང་འཕྲིན་ལས་རྣམ་རྒྱལ།དེའི་ཡང་སྲིད་མཚོ་སྔོན་ནོ་མོན་ཧན་ངག་དབང་བསྟན་པའི་རྒྱལ་མཚན།དེའི་ཡང་སྲིད་མཚོ་སྔོན་བེ་སི་ཕྱག་རྡོར་སྐྱབས་ཀྱི་སྲས་ངག་དབང་འཇམ་དཔལ་རྡོ་རྗེ་ཡིན་ལ།དབུས་སུ་ཕེབས་ནས་ལྷ་སར་འདས།དེའི་ཡང་སྲིད་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་བཅས་སྐུ་ཕྲེང་རིམ་བྱོན་གྱིས་འཛིན་བདག་མཛད།ལོ་རེ་བཞིན་སྐུ་འབུམ་རྒྱུད་པ་གྲྭ་ཚང་དབྱར་གནས་ལ་གསེར་ཏོག་དགོན་དུ་ཕེབས་སྲོལ་ཡོད་འདུག        སྐུ་འབུམ་གདན་རབས་དང་།གསེར་ཏོག་སུམ་རྟགས་རྩོམ་མཁན་གྱི་མཁས་པ་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ཡང་གསེར་ཏོག་འདིའི་སྐྱེ་རྒྱུད་ཡིན།

སྤྱི་ལོ༡༩༥༨ལོ་དང་རིག་གསར་སྐབས་རྒྱས་བཅོམ།དེང་དུས་ཀྱི་གནས་སྟངས་གསལ་ཁ་ཅན་མ་རྙེད།

 

About རྩོམ་སྒྲིག་པ།