ཆུ་དཀར་རི་ཁྲོད།

ཆུ་དཀར་རི་ཁྲོད་ནི་སྤྱི་ལོ༡༣༦༠ཡས་མས་ཤིག་ལ་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་གིས་སྐུ་འབུམ་རྒྱབ་ཆུ་དཀར་དུ་ཕྱག་བཏབས་ཤིང་།ཆོས་རྒྱུད་དགེ་ལུགས་ཡིན།

འདི་སྐུ་འབུམ་དགོན་པའི་ལྟག་རྒྱབ་ཀྱི་ཚ་ལམ་གཅིག་མ་ཟིན་ཙམ་གྱི་སར་ཡོད་ཅིང་།ཐོག་མར་ཆོས་རྗེ་རིན་ཆེན་དོན་གྲུབ་བཞུགས།ལྷག་ལྷའི་ལུང་བསྟན་ལྟར་རྗེ་ཙོང་ཁ་དང་ཆོས་རྗེ་རིན་ཆེན་དོན་གྲུབ་གཉིས་མཇལ་སའང་གནས་འདི་ཡིན།

ཕྱིས་རོང་བོ་ཤར་སྐལ་ལྡན་རྒྱ་མཚོའི་དངོས་སློབ་དཔལ་འབྱོར་བྱ་བས་སྒྲུབ་སྡེ་བཙུགས།ལོ་རེའི་རིག་གྲྭའི་སྐབས་སྐུ་འབུམ་སྨན་པ་གྲྭ་ཚང་སྔོ་སྨན་ལ་གནས་འདིར་ཕེབས་སྲོལ་ཡོད།མདོ་སྨད་པ་རྣམས་ཀྱིས་རི་ཁྲོད་ཆེས་བྱིན་ཅན་དུ་བརྩི་བ་ཡིན།སྤྱི་ལོ༡༩༥༨ལོ་དང་རིག་གསར་སྐབས་རྒྱས་བཅོམ།དེང་དུས་ཀྱི་གནས་སྟངས་གསལ་ཁ་ཅན་མ་རྙེད།

About རྩོམ་སྒྲིག་པ།