ཇོ་ནང་རྔ་བ་འབྲོག་དགེ་དགོན།

ཇོ་ནང་འབྲོག་དགེ་དགོན་པ་ནི། རྔ་བ་རྫོང་མཁར་ནས་ཤར་ལྷོའི་མཚམས་སུ་སྤྱི་ལེ་ཉེར་ལྔ་ཙམ་གྱི་ས་ན་བྲག་རིན་ཆེན་སྤུངས་བ་ལྟ་བུའི་རིའི་སྟེང་ན་ཆགས་ཡོད་ལ་མཐོ་ཚད་མཚོ་ངོས་ལས་ ༣༢༣༠ ཡིན། དགོན་འདི་ཆགས་འདེབས་མཛད་པ་པོ་རྭ་བའི་རིགས་རྒྱུད་དུ་འཁྲུངས་པའི་ཨ་མདོ་བ་དཔོན་སློབ་ཀུན་དགའ་དཔལ་བཟང་ཞུ་བ་དེ་ཡིན་ལ་ཁོང་ལ་རྗེ་བཙུན་ཏཱ་ར་ནཱའི་ལྕམ་མཁའ་འགྲོ་མ་འཕྲིན་ལས་དབང་མོས་ལུང་བསྟན་པ་ལྟར་དུས་རབས་བཅུ་བདུན་པའི་དཀྱིལ་ཙམ་དུ་( ཕྱི་ལོ་ ༡༦༥༤ ནས་ ༡༦༧༩ ཡས་མས )དགོན་འདི་བཏབ་པ་ཞིག་ཡིན། དགོན་འདི་ནི་དཔལ་མཆོག་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་ཉམས་བཞེས་གཙོ་བོར་མཛད་ཅིང་ཁྱད་པར་རྗེ་བཙུན་ཏཱ་ར་ནཱ་ཐའི་ཕྱག་ལེན་ལྟར་གྱི་རྒྱུད་སྡེ་སོ་སོའི་འདོན་རྟ་དབྱངས་རྡུང་ཕྱག་ལེན་སོགས་འཛིན་སྐྱོང་གནང་ས་ཞིག་ཡིན། ཕྱིས་སུ་ཡར་རྒྱས་སུ་ཕྱིན་ནས་བཤད་གྲྭ་སྒྲུབ་གྲྭ་སློབ་གྲྭ་སྨན་གྲྭ་སོགས་ཕྱོགས་གང་ཐད་ནས་འཐུས་སྒོ་ཚང་བའི་དགོན་པ་ཞིག་ཏུ་གྱུར་ནས་ལྷ་སྡེ་དུད་ཚང་སུམ་བརྒྱ་ལྷག་གི་མགོན་སྐྱབས་སུ་གྲུབ་པའི་འདུས་སྡེ་ཞིག་ཡིན།

About ལས་འབྱེད།