ཇོ་ནང་ལུང་སྐྱ་དགོན།

ལུང་སྐྱ་དགོན་དཔལ་ངེས་དོན་མི་འགྱུར་བདེ་ཆེན་གླིང་།
དགོན་པ་འདི་ནི་སྐྱབས་བླ་མ་ངག་དབང་རིན་ཆེན་བཟང་པོ་མཆོག་གིས་རབ་བྱུང་བཅུ་གཉིས་པའི་མེ་ཕོ་སྤྲེལ་ཏེ་སྤྱི་ལོ་ ༡༧༡༦༼ འཇམ་དབྱངས་བཞད་པའི་རྡོ་རྗེས་བཀྲ་ཤིས་འཁྱིལ་དུ་རྒྱུད་པ་གྲྭ་ཚང་བཙུགས་པའི་ལོ་དེ་རེད། ༽ བཏབ་ནས་དུས་འཁོར་སྦྱོར་བ་དྲུག་གི་ཉམས་ལེན་གཙོས་རང་ལུགས་དྲི་མ་མེད་པའི་མན་ངག་གི་སྨན་མཆོག་གིས་དུག་ལྔའི་ནད་ཀྱིས་་མནར་བའི་ཉམས་ཐག་གི་འགྲོ་བ་རྣམས་ཚིམས་པར་བྱས། དེའི་རྗེས་སུ་སྐྱབས་རྗེ་ངག་དབང་པདྨ་རྣམ་རྒྱལ་དཔལ་བཟང་པོ་མཆོག་གིས་ཨ་སྐྱོང་རུ་མང་གི་སྡེ་གླིང༌དུ་གཏན་སྡོད་བྱས་ཏེ་འདུ་ཁང་སོགས་བཞེངས་ནས་མཛད་པ་རླབས་ཆེན་མཛད་པ་མ་ཟད་དེང་སྐབས་སུ་ཡང་གནས་དེར་སྦྱོར་དྲུག་མན་ངག་དང་། ཇོ་ནང་རང་ལུགས་གཞིར་བཟུང་ནས་མདོ་སྔགས་ཀུན་ལ་ཐོས་བསམ་གྱི་འཁོར་ལོ་བསྐོར་བཞིན་མཆིས།

About ལས་འབྱེད།