དཀར་བོ་ཆོས་ལུང་རི་ཁྲོད།

དཀར་བོ་ཆོས་ལུང་རི་ཁྲོད་ནི་ཁྱུང་ཚ་བསྟན་པ་རིན་ཆེན་ནས་སྐུ་འབུམ་རྒྱ་རྫོང་སྡེ་བར་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

ཁྱུང་ཚ་མཁན་པོ་བསྟན་པ་རིན་ཆེན་གྱིས་བཏབ་པ་དཀར་བོ་རི་ཁྲོད་དམ་དཀར་བོ་ཆོས་ལུང་།འདི་སྐུ་འབུམ་རྒྱ་རྫོང་སྡེ་བ་དང་ཉེ་བར་ཡོད།སྤྱི་ལོ་༡༩༤༩ལོར་རྒྱ་དམར་བོད་དུ་སླེབས་སྐབས་དགོན་པ་སྡེ་གཞུང་གིས་སྐྱོང་་བ་ཙམ་ལས།གཏན་སྡོད་བྱེད་མཁན་གྱི་དགེ་འདུན་པ་མེད་ཟེར།སྤྱི་ལོ༡༩༥༨ལོ་དང་རིག་གསར་སྐབས་རྒྱས་བཅོམ།དེང་དུས་ཀྱི་གནས་སྟངས་གསལ་ཅན་མ་རྙེད།

 

About རྩོམ་སྒྲིག་པ།