འབའ་ལུང་རི་ཁྲོད།

འབའ་ལུང་རི་ཁྲོད་ནི་སྤྱི་ལོ་༡༦༦༣ལོའི་རྗེས་ཙམ་ལ་སྐུ་འབུམ་ཀུང་ཧེ་སྡེ་འཁྲིས་སུ་ཨོ་ཤོ་བླ་མས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ད་ལྟའི་སྐུ་འབུམ་དགོན་པའི་ཐག་ཉེ་གུང་ཧེ་སྡེ་འཁྲིས་སུ་ཡོད།ཨོ་ཤོ་བླ་མས་བཏབ་ཅེས་མཚོ་སྔོན་དགོན་སྡེའི་ལོ་རྒྱུས་རྒྱ་ཡིག་མར་གསལ།ཡང་དེར་བཏབ་ལོ་ཆིན་ཁཱང་ཞི་ཁྲི་ལོའི་སྐབས་པར་བཤད་པ་ལྟར་ན།སྤྱི་ལོ་༡༦༦༣ནས་༡༧༢༡བར་ཞིག་ལ་བཏབ་པ་ཡིན་དགོས།འདི་སྐུ་འབུམ་དགོན་ལག་ཏུ་གཏོགས་ཤིང་།བླ་མ་ཨོ་ཤོ་སྐུ་ཕྲེང་གིས་འཛིན་བདག་བྱས།སྤྱི་ལོ་༡༩༥༨ལོ་ནས་རྒྱས་གཏོར་བཤིག་བཏང་།ད་ལྟའི་གནས་སྟངས་མི་གསལ།

About རྩོམ་སྒྲིག་པ།