མཁས་པ་མི་གསུམ་གྱི་ལྷ་ཁང་།

མཁས་པ་མི་གསུམ་གྱི་ལྷ་ཁང་ནི་ཟི་ལིང་དུ་དུས་རབས་དགུ་བའིནང་བོད་ཀྱི་མཁས་པ་མི་གསུམ་གྱིས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

ལྷ་ཁང་འདི་བོད་རྒྱལ་གླང་དར་གྱིས་བསྟན་པ་བསྣུབས་པས། དབུས་ནས་མཁས་པ་མི་གསུམ་མདོ་སྨད་དུ་ཕེབས་སྐབས་གནས་འདིར་བཞུགས་པའི་ཤུལ་དུ་ལྷ་ཁང་བརྩིགས་པར་བཤད་ལ། ལོ་རྒྱུས་ཡིག་ཚང་གི་གསུང་ཟུར་འགའ་རེར་གཞིགས་ན། མཁས་པ་མི་གསུམ་གྱི་སྐབས་ནས་ལྷ་ཁང་ཞིག་ཡོད་པ་ལྟ་བུའི་ཉམས་

ཤིག་ཀྱང་འདུག་པས་དཔྱད།

རྒྱའི་བཤད་སྒྲོས་སུ་རབ་བྱུང་བདུན་པའི་ལྕགས་རྟ་སྤྱི་ལོ་༡༢༩༠ ལོར་ཡུལ་འདིའི་དཔོན་པོ་ཞིག་གིས་མཐུན་རྐྱེན་སྦྱར་ཏེ་དགོན་པ་བསྐྱར་འདེབས་བྱས། སྤྱི་ལོ་༡༣༩༤ ལོར་ཉིན་པོད་ཞེས་པའི་དགོན་མིང་བཏགས།

དེའི་བར་སྐབས་ཤིག་ནས་དགུ་རོང་ཚང་ལོ་༡༩༢༢ ལོར་ལཱ་མོ་ཞབས་དྲུང་དཀར་བོ་སྐུ་ཕྲེང་བདུན་པ་དགེ་འདུན་བསྟན་འཛིན་ནོར་བུས་དགོན་པ་ཉམས་གསོ་དང་རྒྱ་བསྐྱེད་མཛད། ལཱ་མོ་ཞབས་དྲུང་དཀར་བོ་སྐུ་ཕྲེང་དང་བོ་མཚོ་སྔོན་གྱི་བླ་དཔོན་སྦྲགས་མར་གྱུར་པ་ནས། དགོན་པ་འདིའི་དགོན་བདག་ཏུ་གྱུར་ནས་སྐུ་ཕྲེང་རིམ་བྱོན་གྱིས་སྐྱོང་ཁུར་གནང་། སྤྱི་ལོ་༡༩༥༡ ལོར་ཞབས་དྲུང་དཀར་བོ་སྐུ་ཕྲེང་བརྒྱད་པས་དགོན་པ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བར་ཕུལ། དེ་ནས་བཟུང་པཎ་ཆེན་རིན་པོ་ཆེས་ཟི་ལིང་བཞུགས་ཤག་ལས་ཁང་དུ་གྱུར། སྤྱི་ལོ་༡༩༥༨ ལོར་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༢ ལོར་སླར་གསོ་མཛད།

About རྩོམ་སྒྲིག་པ།