ཧོང་ཇོའུ་དགོན།

ཧོང་ཇོའུ་དགོན་བཏབ་ཡུལ་ཟི་ལིང་དང་འདེབས་མཁན་དང་འདེབས་ལོ་སོགས་གསལ་ཁ་མེད།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ནི་སྔར་བོད་ཀྱི་སྡེ་སྲིད་ཕག་གྲུ་རྒྱལ་རབས་ཀྱི་སྐབས་ཙམ་ལ་བཞེངས་པ་ཞིག་ཡིན་འདུག་ཀྱང་། སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་ཙམ་ནས་སྐུ་འབུམ་གྱི་དགོན་ལག་ཏུ་གྱུར། སྐུ་འབུམ་དགོན་པས་འདིར་གཞུང་ལས་ཁང་ལྟ་བུ་བཙུགས་ཤིང་། སྐུ་འབུམ་ལ་མཆོད་འབུལ་བྱེད་དུ་ཡོང་མཁན་གྱི་སྦྱིན་བདག་ཁག་ལ་སྣེ་ལེན་བྱེད་ཡུལ་བྱས།སྐུ་འབུམ་དགོན་ནས་སྤྱི་གཉེར་ལྟ་བུའི་མི་གཅིག་ནས་གཞིས་གཏོང་སྲོལ་ཡོད། སྤྱི་ལོ་༡༩༥༨ ལོར་ཆོས་སྒོ་བརྒྱབ་ནས་ཟི་ལིང་གི་རྒྱ་ནག་ལས་ཁུངས་ཤིག་བཙུགས། སྤྱི་ལོ་༡༩༨༥ ལོར་ཆོས་སྒོ་བསྐྱར་འབྱེད་ཀྱིས་སྐུ་འབུམ་དགོན་པར་དབང་བར་བྱས་ཟེར། ད་ལྟ་སྐུ་འབུམ་དགོན་པའི་སྣེ་ལེན་ཁང་ལྟ་བུ་བྱས་ནས་ཡོད་པར་སྣང་།

About རྩོམ་སྒྲིག་པ།