ཚང་ཅིང་དགོན།

ཚང་ཅིང་དགོན་ནི་ཟི་ལིང་དུ་བླ་མ་གྲགས་པ་བསོད་ནམས་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཕྱག་འདེབས་མཛད་པོ་ནི་བོད་ཀྱི་བླ་མ་གྲགས་པ་བསོད་ནམས་བྱ་བ་ཡིན་འདུག་ལ། སྤྱི་ལོ་༡༤༡༢ ལོར་ཧོར་ཇོ་ཞེས་པའི་དགོན་མིང་བཏགས་ཟེར། དགེ་བཤེས་གྲགས་པ་བསོད་ནམས་བྱ་བ་འདི། རྒྱ་ནག་མིན་རྒྱལ་རབས་ཀྱི་གོང་མ་ཡུང་ལོས་དབུ་བླར་བཀུར། ལན་དུ་མར་རྒྱ་ནག་པེ་ཅིང་དུ་བསྐྱོད་ཅིང་སྐབས་དེའི་རྒྱ་ནག་གོང་མ་དག་གིས་དཔལ་འབྱོར་ཐོག་རོགས་སྐྱོར་བྱས་ནས་དགོན་པ་བསྐྱང་བར་བཤད།

ཕྱིས་པཎ་ཆེན་སྐུ་ཕྲེང་དྲུག་པས་བླ་བྲང་བཀྲ་ཤིས་འཁྱིལ་ལ་གནང་བ་བཞིན་བླ་བྲང་དགོན་གཞུང་གིས་འཛིན་བདག་མཛད། ཕྱིས་བླ་བྲང་དགོན་གྱི་ཟི་ལིང་གཟིམ་ཤག་བྱས། བླ་བྲང་དགོན་པ་ནས་སྤྱི་གཉེར་གཏོང་སྲོལ་ཡོད། སྤྱི་ལོ་༡༩༥༨ལོར་རྒྱ་གཞུང་གིས་འཕྲོགས། ཟི་ལིང་རྒྱ་མིས་ལྷམ་བཟོ་ཁང་སོགས་བཙུགས། །

ཉེ་དུས་ཤིག་ནས་བླ་བྲང་དགོན་པས་དགོན་པ་དེ་ཉིད་ཕྱིར་བླ་བྲང་ལ་སྤྲོད་རྒྱུའི་རེ་འདུན་ཞུས་པ་ལ་དོན་འབྲས་ཅི་ཡ་ད་ཡང་མ་སོན་པར། མུ་མཐུད་རྒྱ་མིའི་ལྷམ་བཟོ་ཁང་སོགས་སྔར་མུས་སུ་གནས་ཞེས། མཚོ་སྔོན་དགོན་སྡེའི་ལོ་རྒྱུས་རྒྱ་ཡིག་མར་བཤད།

About རྩོམ་སྒྲིག་པ།