རི་བན་དགོན།

 

རི་བན་དགོན་ནི་སྐུ་འབུམ་ཉེ་འཁྲིས་སུ་ཆོས་རྗེ་དོན་གྲུབ་རིན་ཆེན་ཡིན།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཁྱུང་ཐར་སྡེ་བ་དང་གཡན་རྒན་ལུང་སྡེ་བ་གཉིས་ཀྱི་བར་དུ་གནས།རྗེ་ཙོང་ཁ་བའི་ཡུམ་ཤིང་བཟའ་ཨ་ཆོས་ཀྱིས་བ་ཡན་དུ་ཕྱུགས་འཚོ་སྐབས། འབྲི་བེའུ་ཁུར་ཞིག་ནུབ་ཕྱོགས་སུ་འཁོར་ནས་དེ་ནས་སོང་བས། ཡུམ་ཤིང་བཟའ་ཚང་གིས་འབྲི་དེའི་རྗེས་དེད་ནས་བསྐྱོད་མཐར། འབྲི་དེ་ཁྱུང་ཐར་སྡེ་བའི་གཡན་རྒན་ལུང་བར་ཉིན་འགར་ཉལ་ནས་བསྡད། འབྲི་ཉལ་སར་རྡོ་ཞིག་ཡོད་པ་རིན་པོ་ཆེའི་རྡོ་ཡིན་པར་ཤེས།དེ་ནས་འབྲི་དེ་ཙོང་ཁའི་སྐྱེས་རིའི་ཉེ་འདབས་སུ་སོང་ནས་བེའུ་བཙས། ཡུམ་ཤིང་བཟའ་ཨ་ཆོས་ལའང་རྒྱལ་བ་ཙོང་ཁ་བ་འཁྲུངས། ཕྱིས་ཆོས་རྗེ་དོན་རིན་པ་སྐུ་འབུམ་དུ་གདན་དྲངས། ཡུལ་མིས་རྒྱལ་བ་ཙོང་ཁ་བ་དང་། ཡུམ་ཤིང་བཟའ་ཨ་ཆོས་རྣམ་གཉིས་རྗེས་དྲན་གྱི་ཆེད་དགོན་སྡེ་འདི་བཏབ་པའི་ངག་རྒྱུན་འདུག སྤྱི་ལོ་༡༩༥༨ ལོ་

དང་རིག་གསར་སྐབས་རྒྱས་བཅོམ། དེང་དུས་ཀྱི་གནས་སྟངས་གསལ་ཁ་ཅན་མ་རྙེད།

About རྩོམ་སྒྲིག་པ།