ཟི་ན་དགོན་བསམ་འགྲུབ་གླིང་།

ཟི་ན་དགོན་བསམ་འགྲུབ་གླིང་ནི་དུས་རབས་བཅུ་གསུམ་པའི་ནང་ཟི་ན་བླ་མ་ཆོས་འཕགས་རྒྱལ་མཚན་མཆོག་ནས་སྐུ་འབུམ་ལྷ་སྡེ་ཟི་ནའི་ཁོངས་སུ་ཕྱག་བཏབས་ཤིང་།ཆོས་རྒྱུད་དགེ་ལུགས་ཡིན།

ཟི་ན་དགོན་འདི་ནི་ཟི་ན་བླ་མ་ཆོས་འཕགས་རྒྱལ་མཚན་གྱིས་བཏབ།འདི་བ་ཧོར་སེ་ཆེན་དང་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་བྱོན་པ་ཡིན་པས།ཐོག་མའི་ཆོས་རྒྱུད་ས་ལུགས་ཡིན་ཡང་།ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གནས་འདིར་བྱོན་པའི་དབང་གིས་དང་།ཕྱིས་རྒྱལ་དབང་བསོད་ནམས་རྒྱ་མཚོས་སྐུ་འབུམ་དགོན་པ་བཏབ་པ་ནས་མཆོད་གཞིས་ལྷ་སྡེ་ཕལ་ཆེར་དགེ་ལུགས་སུ་གྱུར་པ་ཡིན་སྟབས།ཟི་ན་དགོན་པའང་དགེ་ལུགས་སུ་གྱུར་པར་སྣང་།གང་ལྟར་བཏབ་ལོ་གསལ་བའི་ཡིག་ཆ་མི་སྣང་ཡང་ལོ་ངོ་༧༠༠ལྷག་སོང་བའི་མདོ་སྨད་ཀྱི་དགོན་སྡེ་རྙིང་གྲས་ཤིག་ཡིན།འདི་དང་འབྲེལ་བའི་ལོ་རྒྱུས་འཕེལ་རིམ་ཁག་སྐུ་འབུམ་མཆོད་གཞིས་ལྷ་སྡེ་ནང་མ་ཚོ་དྲུག་གི་སྐབས་བཤད་ཟིན་པས་དེར་གཟིགས་པར་བྱ།སྤྱི་ལོ་༡༩༥༨ལོ་དང་རིག་གསར་སྐབས་རྒྱས་བཅོམ།དེང་དུས་ཀྱི་གནས་སྟངས་མ་རྙེད།

About རྩོམ་སྒྲིག་པ།