༄༅།  །   མཚོ་ནུབ་བོང་སྟག་(ཐེན་ཅོན)རྫོང་ཁོངས་ཀྱི་དགོན་སྡེ།

༡   བོང་སྟག་དགོན།

བོང་སྟག་དགོན་ནི་སྤྱི་ལོ་༡༨༡༢ལོར་བོང་སྟག་བཱ་ཏེན་དུ་རྩི་གཡོག་སྐུ་ཕྲེང་གསུམ་པ་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིའི་དགོན་མིང་དངོས་ལ་དགེ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་ཟེར་ཡང་།ཡོངས་གྲགས་བོང་སྟག་དགོན་དུ་འབོད། འདི་ཐོག་མར་བཱ་ཏེན་ཞེས་པའི་སར་བཏབ་མོད་ཕྱིས་ནང་མ་འཆམ་པ་སོགས་ཀྱིས་བོང་སྟག་དཔོན་རབས་དག་གིས་དགོན་གནས་ཐེངས་གསུམ་ཙམ་ལ་སྤོས། སྤྱི་ལོ་༡༩༢༠ ལོར་བོང་སྟག་བཀྲ་རྒྱམ་ཀྱིས་དེང་

གི་དགོན་གནས་འདིར་གཏན་ཆགས་བྱས། ཁོང་གིས་སྟོང་དཔོན་དཔལ་བཟང་གཉིས་ར་རྒྱའི་ཤིང་བཟའ་སྐུ་ཕྲེང་དྲུག་པར་ཞུས་ཏེ་དབང་ལུང་བཀའ་ཆོས་མང་བོ་གནང་། དགེ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་ཞེས་པའི་དགོན་མིང་བསྩལ། དེ་ནས་བཟུང་དགོན་པ་ཆོས་སྲིད་གཉིས་ཐད་ནས་ཡར་རྒྱས་བྱུང༌། རྭ་རྒྱ་དགོན་གྱི་དགོན་

ལག་ཏུ་གཏོགས་ཤིང༌། སེ་ར་ཐེག་ཆེན་གླིང་། སྡེ་ཚ་དགོན་པ་བཅས་ལ་པ་དམིགས་བསལ་འབྲེལ་ལམ་ཟབ་པར་བཤད། སྤྱི་ལོ་༡༩༥༨ ལོར་རྒྱས་བཅོམ་སྟེ་ཆོས་སྒོ་བརྒྱབ།སྤྱི་ལོ་༡༩༨༡ ལོ་ནས་ཡུལ་མིས་དང་བླང་བསྐྱར་བཞེངས་བྱེད་མགོ་ཚུགས།

 

 

༢   གོ་ན་དགོན་པ། །

གོ་ན་དགོན་པ་ནི་སྤྱི་ལོ་༡༩༤༩ལོར་བོད་སྟག་བཱ་ཏེན་དུ་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིའི་དགོན་མིང་ལ་ལྷུན་གྲུབ་དགེ་འཕེལ་གླིང་ཟེར། ཕྱག་འདེབས་མཛད་མཁན་སུ་ཡིན་མི་གསལ། ཐོག་མར་གུར་དགོན་ཡིན། སྤྱི་ལོ་༡༩༥༢ ལོར་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་དང་། ལཱ་མོ་ཞབས་དྲུང་དཀར་བོ་རྣམ་གཉིས་སྐུ་འབུམ་དུ་ཕེ་ནས་པཎ་ཆེན་སྐུ་ཕྲེང་བཅུ་བར་ཞུས་དོན་བཞིན་ལྷུན་གྲུབ་དགེ་འཕེལ་གླིང་ཞེས་དགོན་མིང་བསྩལ། སྤྱི་ལོ་༡༩༥༨ ལོར་རྒྱས་དགོན་པ་བཅོམ་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༩༡ ལོ་ནས་དད་ལྡན་ཡུལ་མིས་བསྐྱར་བཞེངས་བྱེད་ཀྱིན་ཡོད་འདུག

 

 

༣    ཟུར་རི་ལྷ་ཁང་།

ཟུར་རི་ལྷ་ཁང་ནི་སྤྱི་ལོ་༡༩༨༩ལོར་ས་གནས་ཡུལ་མིས་བོང་སྟག་བཱ་ཏེན་དུ་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ནི་པུ་ཧ་ཆུ་བོའི་ཉེ་འགྲམ་དུ་ཡོད་པའི་དགེ་ལུགས་པའི་ལྷ་ཁང་ཞིག་ཡིན་ལ། སྤྱི་ལོ་༡༩༨༦ ལོར་ཡུལ་མིས་ལྷ་ཁང་བཞེངས་འཆར་གྱིས་ལམ་ཁ་བཟོས། སྤྱི་ལོ་༡༩༨༩ ལོའི་ཟླ་༧ པའི་ནང་ས་གནས་ཡུལ་མི་རྣམས་རྒྱ་སྒོར་༦༩༠༠༠ ལྷག་ཞལ་འདེབས་ཕུལ་ཏེ་བཞེངས་སྐྲུན་བྱས་པ་ཞིག་ཡིན་འདུག ལྷ་ཁང་འདིར་བཀའ་བསྟན་སོགས་གསུང་རབ་དང་སྐུ་གསུང་ཐུགས་རྟེན་གང་འཚམ་བཞུགས་ཡོད་ཟེར།

 

༤   ཧྲ་ཉི་ལྷ་ཁང་།

ཧྲ་ཉི་ལྷ་ཁང་ནི་སྤྱི་ལོ་༡༩༨༧ལོར་བོང་སྟག་བཱ་ཏེན་ད་ས་གནས་ཡུལ་མིས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

ལྷ་ཁང་འདི་ནི་སྤྱི་ལོ་༡༩༨༥ ལོར་ས་གནས་ཡུལ་མིས་རེ་འདུན་ཞུས་པ་བཞིན། པེ་ཅིན་མི་རིགས་སློབ་གླིང་གི་སློབ་མ་མཁས་རྒྱལ་བྱ་བས་པཎ་ཆེན་རིན་པོ་ཆེར་མཇལ་བཅར་ཞུས་དོན་བཞིན། པཎ་ཆེན་རིན་པོ་ཆེས་ལྷ་སྐུ་སོགས་རྟེན་སྐལ་གནང་བ་རྨང་གཞིར་བཟུང་ནས་བཞེངས་སྐྲུན་བྱས་པའི་ལྷ་ཁང་ཞིག་ཡིན།

 

 

About རྩོམ་སྒྲིག་པ།